85 lines
9.8 KiB
INI
85 lines
9.8 KiB
INI
[1]
|
|
FL=སྐྱེ་བོ་ཡོན་ཏན་ཡོད་མེད་པའི།། བླང་དོར་བློ་གྲོས་ལྡན་པ་མཁས།།
|
|
SL=རྡུལ་དང་འདྲེས་པའི་ལྕགས་ཕྱེ་རྣམས།། ཁབ་ལེན་རྡོ་ཡིས་ལེན་པར་ཤེས།།
|
|
[2]
|
|
FL=ལེགས་བཤད་མཁས་པའི་བློ་གྲོས་ཀྱིས།། གོ་ཡི་བླུན་པོས་དེ་ལྟ་མིན།།
|
|
SL=ཉི་མའི་འོད་ཟེར་ཤར་བ་ན།། འབྱུང་པོའི་བྱ་རྣམས་ལོང་བར་འགྱུར།།
|
|
[3]
|
|
FL=བློ་ཆུང་གྲོས་གཉིས་འཁྲུགས་པའི་ཚེ།། བློ་ལྡན་ཐབས་ཀྱིས་བདེ་བར་གསོ།།
|
|
SL=ཆུ་ཀླུང་རྙོག་པས་ཆུད་གཟན་པ།། ཆུ་དྭངས་ནོར་བུས་དྭངས་པར་བྱེད།།
|
|
[4]
|
|
FL=ཤེས་རབ་ལྡན་པ་མགོ་བསྐོར་ཡང་།། བྱ་བའི་ཆ་ལ་རྨོངས་མི་འགྱུར།།
|
|
SL=སྲོག་ཆགས་གྲོག་མ་མིག་མེད་ཀྱང་།། མིག་ལྡན་གཞན་ལས་ལྷག་པར་མགྱོགས།།
|
|
[5]
|
|
FL=བླུན་པོས་ཡོན་ཏན་ཁར་འབྱིན་ཏེ།། མཁས་པས་ཡོན་ཏན་ཁོང་དུ་སྦེད།།
|
|
SL=སོག་མ་ཆུ་ཡི་སྟེང་དུ་འཕྱོ།། ནོར་བུ་སྟེང་དུ་བཞག་ཀྱང་འབྱིང་།།
|
|
[6]
|
|
FL=མཁས་པ་ཡོན་ཏན་དཔག་མེད་ཀྱང་།། གཞན་གྱི་ཡོན་ཏན་ཆུང་ངུའང་ལེན།།
|
|
SL=དེ་ལྟར་རྒྱུན་དུ་སྤྱད་པ་ཡིས།། མྱུར་དུ་ཐམས་ཅད་མཁྱེན་པར་འགྲོ།།
|
|
[7]
|
|
FL=མཁས་པ་སློབ་པའི་དུས་ན་སྡུག། བདེ་བར་སྡོད་ལ་མཁས་མི་སྲིད།།
|
|
SL=བདེ་བ་ཆུང་ལ་ཆགས་པ་དེས།། ཆེན་པོའི་བདེ་བ་ཐོབ་མི་སྲིད།།
|
|
[8]
|
|
FL=དམ་པའི་ཡོན་ཏན་སྦས་གྱུར་ཀྱང་།། འཇིག་རྟེན་ཀུན་ལ་ཁྱབ་པར་གསལ།།
|
|
SL=སྣ་མའི་མེ་ཏོག་ལེགས་བཀབ་ཀྱང་།། དྲི་ཞིམ་ཀུན་ཏུ་ཁྱབ་པར་འགྱུར།།
|
|
[9]
|
|
FL=བློ་དང་ལྡན་ན་ཉམ་ཆུང་ཡང་།། སྟོབས་ལྡན་དགྲ་བོས་ཅི་བྱར་ཡོད།།
|
|
SL=རི་དྭགས་རྒྱལ་པོ་སྟོབས་ལྡན་ཡང་།། རི་བོང་བློ་དང་ལྡན་པས་བསད།།
|
|
[10]
|
|
FL=བླུན་པོ་བྱ་བ་ལ་སྦྱར་ན།། དོན་ཉམས་དེ་ཡང་ཉམས་པར་འགྱུར།།
|
|
SL=ཝ་སྐྱེས་རྒྱལ་པོར་བསྐོས་པ་ཡིས།། འཁོར་སྡིག་རང་ཡང་བསད་ཅེས་གྲགས།།
|
|
[11]
|
|
FL=ཕན་དང་མི་ཕན་མི་དཔྱོད་ཅིང་།། བློ་དང་ཐོས་པ་མི་སྒྲུབ་པར།།
|
|
SL=ལྟོ་འགྲངས་འབའ་ཞིག་དོན་གཉེར་བ།། སྤུ་མེད་པ་ཡི་ཕག་པ་ཡིན།།
|
|
[12]
|
|
FL=ཡོན་ཏན་ཆུང་རྣམས་ང་རྒྱལ་ཆེ།། མཁས་པར་གྱུར་ན་དུལ་བར་གནས།།
|
|
SL=ཆུ་ཕྲན་རྟག་ཏུ་ཀུ་ཅོ་ཆེ།། རྒྱ་མཚོས་ཅ་ཅོ་ག་ལ་སྒྲོག།
|
|
[13]
|
|
FL=དམ་པ་དུལ་བས་རང་གཞན་སྐྱོང་།།ངན་པ་རེངས་པས་རང་གཞན་སྡུག།
|
|
SL=འབྲས་ལྡན་ཤིང་གིས་རང་གཞན་སྲུང་།། ཤིང་སྐམ་རེངས་པས་རང་གཞན་སྲེག།
|
|
[14]
|
|
FL=ཧ་ཅང་གཡོ་སྒྱུ་མང་དྲགས་ན།། རེ་ཞིག་གྲུབ་ཀྱང་མཐའ་མར་བརླགས།།
|
|
SL=གཟིག་ལྤགས་བཀབ་པའི་བོང་བུ་ཡིས།། ལོ་ཏོག་ཟོས་མཐར་གཞན་གྱི་བསད།།
|
|
[15]
|
|
FL=གཡོ་ཅན་བཟང་བོའི་ཚུལ་བཟུང་ནས།། ཕྱི་ནས་དོན་ལ་བསླུ་བ་ཡོད།།རི་དྭགས་རྔ་མ་བསྟན་ནས་ནི།། ཁྲེལ་འདས་བོང་བུའི་ཤ་དག་འཚོང་།།
|
|
SL=མང་བོ་གཅིག་ཏུ་བློ་མཐུན་ན།། ཉམ་ཆུང་གིས་ཀྱང་དོན་ཆེན་འགྲུབ།།སྲོག་ཆགས་གྲོག་མའི་ཚོགས་འདུས་པས།།སེང་གེའི་ཕྲུ་གུ་བསད་ཅེས་གྲགས།།
|
|
[16]
|
|
FL=བདག་ཉིད་དཔོན་དུ་བསྐོས་གྱུར་ན།། དེ་ཡི་བྱ་བ་ཤེས་པ་དཀོན།།
|
|
SL=གཞན་ལ་ལྟ་བའི་མིག་ཡོད་ཀྱང་།། རང་ཉིད་བལྟ་ན་མེ་ལོང་དགོས།།
|
|
[17]
|
|
FL=རང་གིས་ངན་སྤྱོད་མ་བྱས་ན།། བརྒྱ་བྱིན་གྱིས་ཀྱང་སྨན་མི་ནུས།།
|
|
SL=ཆུ་མིག་རང་ཉིད་མ་བསྐམས་ན།། ས་ཡིས་མནན་པས་ག་ལ་ཐུབ།།
|
|
[18]
|
|
FL=བློ་ལྡན་བྱ་བ་ཅུང་ཟད་ཀྱང་།། རྒྱུན་དུ་གྲོས་ཀྱིས་བསྒྲུབ་པར་བྱ།།
|
|
SL=གྲུབ་པར་གྱུར་ན་ལྟ་ཅི་སྨྲོས།། མ་གྲུབ་ན་ཡང་མཛེས་པའི་རྒྱུ།།
|
|
[19]
|
|
FL=རང་ལ་དགོས་པའི་བསྟན་བཅོས་རྣམས།། ཉི་མ་རེ་ལ་ཚིག་རེ་ཟུངས།།
|
|
SL=གྲོག་མཁར་དང་ནི་སྦྲང་རྩི་ལྟར།། རིང་བོར་མི་ཐོགས་མཁས་པར་འགྱུར།།
|
|
[20]
|
|
FL=མཁས་པ་ཡོན་ཏན་མཛོད་འཛིན་པ།། དེ་དག་ལེགས་བཤད་རིན་ཆེན་སྡུད།།
|
|
SL=རྒྱ་མཚོ་ཆེན་པོ་ཆུ་བོའི་གཏེར།། ཡིན་ཕྱིར་ཆུ་ཕྲན་ཐམས་ཅད་འབབ།།
|
|
[21]
|
|
FL=ཡོན་ཏན་ལྡན་ན་སྐྱེ་བོ་ཀུན།། མ་བསྡུས་པར་ཡང་རང་ཉིད་འདུ།།
|
|
SL=དྲི་ལྡན་མེ་ཏོག་རྒྱང་རིང་ཡང་།། བུང་བ་སྤྲིན་གྱི་ཚོགས་བཞིན་འཁོར།།
|
|
[22]
|
|
FL=བློ་གྲོས་ལྡན་པ་གཉིས་བགྲོས་ན།། བློ་གྲོས་ལེགས་པ་གཞན་འབྱུང་སྲིད།།
|
|
SL=ཡུང་བ་དང་ནི་ཚ་ལེ་ལས།། ཁ་དོག་གཞན་ཞིག་སྐྱེ་བར་འགྱུར།།
|
|
[23]
|
|
FL=ཐབས་ལ་མཁས་ན་ཆེན་པོ་ཡང་།། བྲན་དུ་བཀོལ་བར་ག་ལ་དཀའ།།
|
|
SL=མཁའ་ལྡིང་མཐུ་རྩལ་ཆེ་ན་ཡང་།། གོས་སེར་ཅན་གྱི་བཞོན་པར་གྱུར།།
|
|
[24]
|
|
FL=བློ་དང་ལྡན་ན་མ་སྨྲས་ཀྱང་།། རྣམ་འགྱུར་ཉིད་ལས་བསམ་པ་གོ།
|
|
SL=བལ་བོའི་སེའུ་མ་ཟོས་ཀྱང་།། ཁ་དོག་ཉིད་ལས་བྲོ་བ་ཤེས།།
|
|
[25]
|
|
FL=དམ་པ་རྒྱང་ན་གནས་ན་ཡང་།། འཁོར་འདབས་ཕན་པས་རིང་ནས་སྐྱོང་།།
|
|
SL=མཁའ་ལ་སྤྲིན་ཆེན་འཁྲིགས་པ་ཡིས།། ས་ཡི་ལོ་ཏོག་ཁྱད་པར་འཕེལ།།
|
|
[26]
|
|
FL=དམ་པ་སྡིག་པ་ཆུང་ཡང་སྤོང་།། དམན་རྣམས་ཆེན་པོའང་དེ་ལྟ་མིན།།
|
|
SL=ཞོ་ལ་རྡུལ་ཕྲན་འབྱར་བ་སེལ།།ཆང་ལ་ཕབ་ཀྱང་ལྷག་པར་འདེབས།།
|
|
[27]
|
|
FL=རྒྱལ་པོ་རང་ཡུལ་ཆེ་བ་ཙམ།། དམ་པ་གང་དུ་ཕྱིན་པར་བཀུར།།
|
|
SL=མེ་ཏོག་ཕལ་ཆེར་ཉིན་རེའི་རྒྱན།། གཙུག་གི་ནོར་བུ་གང་དུའང་མཆོད།།
|
|
[28]
|
|
FL=རིག་པ་ནངས་པར་འཆི་ཡང་བསླབ།། ཚེ་འདིར་མཁས་པར་མ་གྱུར་ཀྱང་།།
|
|
SL=སྐྱེ་བ་ཕྱི་མར་བཅོལ་བ་ཡི།། ནོར་ལ་རང་ཉིད་ལེན་དང་མཚུངས།།
|